日喀则市综合新闻门户网站

བོད་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཁ་གསབ་རོགས་དངུལ་མི་རེར་ལོ་རེར་ཆ་སྙོམས་སྒོར་420བར་མཐོ་རུ་བཏང་བ།

2015-03-02 11:22:00ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

关键词:ཞིང་འབྲོག་ཁུལ་གྱི་;སྨན་བཅོས་ཁ་གསབ་རོགས་དངུལ་;མཐོ་རུ་བཏང་བ།

འདི་ལོ་བོད་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་རྒྱུ་མུ་མཐུད་རྒྱུན་འཁྱོངས...

    འདི་ལོ་བོད་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་རྒྱུ་མུ་མཐུད་རྒྱུན་འཁྱོངས་དང་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལ་སྲིད་གཞུང་གིས་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་མི་རེར་ལོ་རེར་ཆ་སྙོམས་སྒོར་420བར་མཐོ་རུ་བཏང་ནས་ཞིང་འབྲོག་པ་མི་སྒེར་གྱིས་མ་དངུལ་གྲབས་གསོག་བྱེད་པའི་ཆུ་ཚད་97%ཡན་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན།ཞིང་འབྲོག་ཁུལ་གྱི་སྨན་བཅོས་འགན་ལེན་ཆུ་ཚད་ནུས་ལྡན་ངང་གོང་མཐོར་གཏོང་ཆེད་འདི་ལོ་བོད་ལྗོངས་ཀྱིས་ད་དུང“མང་ཚོགས་བློ་ཡིད་ཚིམ་པའི་ཤང་གྲོང་འཕྲོད་བསྟེན་ཁང་འཛུགས་པའི”བྱེད་སྒོ་གཏིང་ཟབ་སྤེལ་བ་དང་།ཤང(གྲོང་རྡལ)འཕྲོད་བསྟེན་ཁང་གི་ནུས་པ་ཆེ་རུ་གཏོང་བའི་འདུ་འགོད་ལག་བསྟར་བྱས་ནས་ལྗོངས་ཡོངས་ཀྱི་ཤང(གྲོང་རྡལ)འཕྲོད་བསྟེན་ཁང་60%ཡན་མང་ཚོགས་བློ་ཡིད་ཚིམ་པའི་ཤང(གྲོང་རྡལ)འཕྲོད་བསྟེན་ཁང་གི་ཚད་གཞིར་སླེབས་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན།ན་ནིང་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་རྒྱུ་རྒྱུན་འཁྱོངས་བྱུང་ནས་སྲིད་གཞུང་གིས་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་མི་རེར་ལོ་རེར་ཆ་སྙོམས་སྒོར་380བར་མཐོ་རུ་བཏང་བ་དང་།མ་དངུལ་གྲབས་གསོག་བྱེད་ཚད་97%ཡན་བཟུང་སྟེ་སྨན་རིན་རྩིས་ཞུ་དང་ཁ་གསབ་བྱེད་པའི་ཚད་བཀག་དངུལ་འབོར་མཐོ་ཤོས་སྒོར་ཁྲི་6ཟིན་པ་དང་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་སྨན་རིན་རྩིས་ཞུ་དང་ཁ་གསབ་བྱེད་པའི་བསྡུར་གྲངས་80%ཡན་ཟིན་ཡོད།ནད་གཞི་ལྕི་རིགས་22དང་དམིགས་བསལ་སྒོ་བསྟེན་སྨན་བཅོས་ཀྱི་ནད་རིགས་20ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་ནད་གཞི་ལྕི་རིགས་འགན་ལེན་གྱི་དཀར་ཆག་ནང་བཅུག་ཡོད།ཤང(གྲོང་རྡལ)འཕྲོད་བསྟེན་ཁང་གི་སྨན་བཅོས་འགྲོ་གྲོན་དང་རྫོང་སྨན་ཁང་དུ་བསྡད་པའི་སྨན་རིན་ཚང་མ་འཕྲལ་དུ་རྩིས་བརྒྱབ་ནས་རྩིས་ཞུ་བྱས་ཡོད།ཞིང་འབྲོག་པའི་ནད་གཞི་ལྕི་རིགས་ལ་ཁ་གསབ་སྨན་བཅོས་འགན་བཅོལ་གྱི་གུན་གསབ་ཁག་480ཟིན་ནས་དངུལ་སྤྲོད་ཚད་སྒོར་ཁྲི་1261ཟིན་ཡོད་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན།ན་ནིང་བོད་ལྗོངས་ཀྱི་སྤྱི་པའི་འཕྲོད་བསྟེན་གྱི་ཞབས་ཞུའི་འགྲོ་གྲོན་མི་རེར་ལོ་རེར་ཆ་སྙོམས་སྒོར་45ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད།འདི་ལོ་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་ཐད་ནོར་སྲིད་ཀྱིས་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་མི་རེར་ལོ་རེར་ཆ་སྙོམས་སྒོར་50ཟིན་པ་བྱ་རྒྱུ་རེད།( འགན་འཁུར་རྩོམ་སྒྲིག་པ། མིག་དམར།)http://tb.xzxw.com/zyzy/201502/t20150209_315324.html
 

责任编辑:扎西卓玛
相关新闻
网友评论

日喀则网站联盟

友情链接

涉藏网站

中共日喀则市委宣传部主管    日喀则市互联网信息办公室主办    藏ICP备12000035号

网络违法举报>  网络违法举报