日喀则市综合新闻门户网站

བོད་ལྗོངས་བཀྲས་ལྷུན་དགོན་དུ་པཎ་ཆེན་རིན་པོ་ཆེ་ཁྲིར་གསོལ་ནས་ལོ་20འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ།

2015-12-18 12:42:57ཤིན་ཧྭ་གསར་འགྱུར་ཁང་།

关键词:བཀྲས་ལྷུན་དགོན;་པཎ་ཆེན་རིན་པོ་ཆེ་;ཁྲིར་གསོལ་ནས;ལོ་20འཁོར་བ

ཟླ་12ཚེས་8ཉིན་གཞིས་རྩེ་བཀྲས་ལྷུན་དགོན་དུ་བཀྲ་ཤིས་ཁྲ་རིང་ལྷབ་ལྷུབ་ཏུ་གཡོ་བ་དང་དུང་རྒྱ་གླིང་གི་སྒྲ་ལྷང...

    ཟླ་12ཚེས་8ཉིན་གཞིས་རྩེ་བཀྲས་ལྷུན་དགོན་དུ་བཀྲ་ཤིས་ཁྲ་རིང་ལྷབ་ལྷུབ་ཏུ་གཡོ་བ་དང་དུང་རྒྱ་གླིང་གི་སྒྲ་ལྷང་ལྷང་དུ་གྲགས་ཤིང་། བཀྲས་ལྷུན་དགོན་དུ་པཎ་ཆེན་རིན་པོ་ཆེ་ཁྲིར་གསོལ་ནས་ལོ་20འཁོར་བའི་རྟེན་འབྲེལ་མཛད་སྒོ་འཚོགས་པ་རེད།
    བོད་ཀྱི་དགོན་སྡེ་ཆེ་གྲས་ཁག་ནས་ཡོང་བའི་གྲྭ་བཙུན་གྱི་འཐུས་མི་དང་བཀྲས་ལྷུན་དགོན་གྱི་དགེ་འདུན་པ་600ལྷག་ཙམ་དང་། གཞིས་རྩེ་གྲོང་ཁྱེར་གྱི་མང་ཚོགས་འཐུས་མི་900དང་། དེ་བཞིན་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མི་སོགས་ཁྱོན་བསྡོམས་མི་གྲངས་1500ལྷག་ཙམ་ཉིན་དེའི་རྟེན་འབྲེལ་མཛད་སྒོར་ཞུགས་ཤིང་། འདི་ནི་པཎ་ཆེན་རིན་པོ་ཆེ་མཆོག་ཁྲིར་གསོལ་ནས་ལོ་20འཁོར་བའི་རྟེན་འབྲེལ་མཛད་སྒོ་འཚོག་ཡུལ་ཡིན་པ།
    ཚེས་8ཉིན་གཞིས་རྩེ་བཀྲས་ལྷུན་དགོན་དུ་བཀྲ་ཤིས་ཁྲ་རིང་ལྷབ་ལྷུབ་ཏུ་གཡོ་བ་དང་དུང་རྒྱ་གླིང་གི་སྒྲ་ལྷང་ལྷང་དུ་གྲགས་ཤིང་། དགུན་དུས་ཀྱི་དྲོ་འཇམ་ཉི་འོད་ཁྲོད་བཀྲས་ལྷུན་དགོན་དུ་པཎ་ཆེན་རིན་པོ་ཆེ་ཁྲིར་གསོལ་ནས་ལོ་20འཁོར་བའི་རྟེན་འབྲེལ་མཛད་སྒོ་འཚོགས་པ་རེད།
    སྔ་དྲོའི་ཆུ་ཚོད་10པའི་ཐོག་དགེ་འདུན་པའི་སེར་སྦྲེང་གིས་སྣ་དྲངས་ཏེ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་བཀྲས་ལྷུན་དགོན་གྱི་རྡོ་གཅལ་ཆེ་མོའི་ནང་ཕེབས། ད་བར་ལོ་500ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་བཀྲས་ལྷུན་དགོན་ནི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་རེད།
    ཉིན་དེའི་རྡོ་གཅལ་ཆེ་མོར་མཛེས་རྒྱན་སྤྲས་པ་དང“རྒྱལ་སྐྱོང་འགྲོ་ཕན”གྱི་སྒོ་བན་སྒོ་ར་ཆེ་མོའི་ནུབ་ངོས་སུ་བཀལ་ཡོད།
    ཆུ་ཚོད་10དང་སྐར་མ་5ཡི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རྟེན་འབྲེལ་མཛད་སྒོ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་དང་།   བཀྲས་ལྷུན་དགོན་གྱི་དགེ་འདུན་གྱིས་ཐོག་མར་པཎ་ཆེན་རིན་པོ་ཆེ་དང་རྟེན་འབྲེལ་མཛད་སྒོར་ཞུགས་མཁན་འགོ་ཁྲིད་དང་བླ་མ་སྐྱེས་ཆེན་རྣམས་ལ་བཀྲ་ཤིས་རྟེན་འབྲེལ་མཚོན་པའི་ཕྱེ་མར་བཏེགས་པ་རེད།
    1995ལོའི་ཟླ་12ཚེས་8ཉིན་གསེར་བུམ་དཀྲུག་འདོན་བྱས་ནས་ངོས་འཛིན་ཞུས་པ་དང་འབྲེལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་སྐབས་དེར་དགུང་ལོ་5ལ་ཕེབས་པའི་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་བཀྲས་ལྷུན་དགོན་དུ་ཁྲིར་གསོལ་བ་རེད།
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་འགན་འཁུར་བས་རྟེན་འབྲེལ་མཛད་སྒོའི་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་བླ་མ་སྐྱེས་ཆེན་དམ་པའི་ཐུགས་རྒྱུད་རིང་པོའི་མཛུབ་ཁྲིད་འོག་ཁྲིར་གསོལ་ནས་ལོ་20རིང་པཎ་ཆེན་རིན་པོ་ཆེས་ཚུལ་ཁྲིམས་རྣམ་དག་སྲུང་བ་དང་ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་བ། ཆབ་སྲིད་ཐད་དེ་བས་བརྟན་དུ་དང་བྱང་ཆུབ་ཏུཕྱིན་པ། ནང་བསྟན་གྱི་སྐུ་ཡོན་ཉིན་བཞིན་ཆེ་རུ་ཕྱིན་པ།   ཁྱོན་ཡོངས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ།    དགེ་མཚན་ལྡན་པའི་ནུས་པ་རིམ་པས་མངོན་པ་བཅས་ལ་བརྟེན་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཆེ་ཁག་གི་མཛད་བཟང་མངོན་ནས་ལས་རིགས་ཁག་གི་རྒྱ་ཁྱབ་ཏུ་བསྔགས་བརྗོད་ཡག་པོ་ཐོབ་ཡོད།  པཎ་ཆེན་རིན་པོ་ཆེ་མཆོག་གིས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་མུ་མཐུད་དར་སྤེལ་བཏང་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་ཆེད་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་རེ་བ་ཡོད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་འགན་ཁུར་བས་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་གོང་དུ་སྤེལ་བར་ངེས་པར་དུ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བ་དང་། ངེས་པར་དུ་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་རྒྱུན་གཏན་གྱི་སྒྲིག་ལམ་ཁྲིམས་ལྟར་ཚད་ལྡན་དུ་བཏང་སྟེ་ཆོས་ལུགས་ལས་དོན་ཁྲིམས་ལུགས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ།   ངེས་པར་དུ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་ཚབ་བྱེད་མི་སྣའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡར་རྒྱས་ནང་སྟོབས་ཤུགས་ལེགས་སྐྱེས་འབུལ་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
  བོད་རང་སྐྱོང་ལྗོངས་ཀྱི་འགན་ཁུར་བས་རྟེན་འབྲེལ་མཛད་སྒོའི་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཚར་ལོངས་ལ་སྔ་ཕྱི་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་བས་པཎ་ཆེན་རིན་པོ་ཆེ་མཆོག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བཀའ་སློབ་ཐུགས་ལ་ངེས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཡར་ཐོན་གྱི་དར་ཆ་ཞིག་ཏུ་འགྱུར་བ་དང་། ཆོས་ཕྱོགས་ཀྱི་སྐུ་ཡོན་དང་མཁྱེན་རྒྱ་ཆེ་བའི་ནང་བསྟན་གྱི་སློབ་དཔོན་ཆེན་པོ་ཞིག་ཏུ་འགྱུར་བ།  བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཡར་རྒྱས་ལ་སྐུལ་མ་གཏོང་བའི་མིག་དཔེ་ཞིག་ཏུ་འགྱུར་བ་བཅས་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
    པཎ་ཆེན་རིན་པོ་ཆེས་རྟེན་འབྲེལ་མཛད་སྒོའི་ཐོག་ལོ་20རིང་གི་འཚར་ལོངས་ཀྱི་བརྒྱུད་རིམ་ལ་ཕྱིར་མིག་གཟིགས་པ་དང་སྦྲགས་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་དང་། ཡོངས་འཛིན་དང་བླ་མ་སྐྱེས་ཆེན་དམ་པའི་སེམས་ཤུགས་ཡོད་རྒུས་གསོ་སྐྱོང་དང་ཕྱོགས་ཁག་གིས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་།       ཁོང་གིས་བོད་བརྒྱུད་ནང་བསྟན་གྱིས་འགྲོ་བ་སྡུག་བསྔལ་ལས་བསྒྲལ་ཏེ་བདེ་བར་འཁོད་པ་དང་། དུས་རབས་ཀྱི་དགོས་མཁོ་དང་འཚམས་པར་བྱས་ནས་ནང་བསྟན་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་།  རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་འཁོར་རྣམ་བཞིའི་བྱང་ཚད་མཐོ་རུ་དང་། བསྟན་དོན་དགོངས་འགྲེལ་དང་འཆད་རྩོད་རྩོམ་གསུམ་བྱེད་པ།  སྡོམ་ཁྲིམས་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་ནས་བོད་བརྒྱུད་ནང་བསྟན་དེ་དུས་རབས་འདི་དང་འཚམ་པ་དང་ཞུགས་ཐུབ་པ་བྱེད་དགོས་ཞེས་གྲོས་འགོ་བཏོན་གནང་བ་རེད།   རྟེན་འབྲེལ་མཛད་སྒོའི་ཐོག་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་འགན་འཁུར་བ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་སོགས་རང་སྐྱོང་ལྗོངས་ཀྱི་འགན་འཁུར་བ་དང་དེ་གར་ཕེབས་པའི་བླ་མ་སྐྱེས་ཆེན་རྣམས་ཀྱིས་པཎ་ཆེན་རིན་པོ་ཆེ་མཆོག་དང་མཇལ་དར་རྩེ་སྤྲོད་དང་ཕྱག་རྟགས་ཕུལ་རེས་གནང་བ་རེད།
    བོད་ཀྱི་དགོན་སྡེ་ཆེ་གྲས་ཁག་ནས་ཡོང་བའི་གྲྭ་བཙུན་གྱི་འཐུས་མི་དང་བཀྲས་ལྷུན་དགོན་གྱི་དགེ་འདུན་པ་600ལྷག་ཙམ་དང་། གཞིས་རྩེ་གྲོང་ཁྱེར་གྱི་མང་ཚོགས་འཐུས་མི་900 དེ་བཞིན་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མི་སོགས་ཁྱོན་བསྡོམས་མི་གྲངས་1500ལྷག་ཙམ་ཉིན་དེའི་མཛད་སྒོར་ཞུགས་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་འགན་འཁུར་བ་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་སྦྲགས་ཤིས་ཚིག་ཀྱང་གསུངས་པ་རེད།(
མ་ཡིག་འཚོལ་བཤེར།

责任编辑:扎西卓玛
相关新闻
网友评论

日喀则网站联盟

友情链接

涉藏网站

中共日喀则市委宣传部主管    日喀则市互联网信息办公室主办    藏ICP备12000035号

网络违法举报>  网络违法举报