日喀则市综合新闻门户网站

གནོད་ཚེ་ཕོག་པའི་མང་ཚོགས་ལ་སྡོད་གནས་བསྐྲུན་པ།

2015-05-04 16:07:07བོད་ལྗོངས་འཕྲིན་དྲ།

关键词:ལྷ་རྩེ་རྫོང་;གནོད་འཚེ་ཕོག་ཁུལ་མང་ཚོགས་;གནས་སྐབས་སྡོད་གནས་

སྤྱི་ཚེས ༢༩ ཉིན་གྱི་ཕྱི་དྲོའི་ཆུ་ཚོད ༣ པར་ལྷ་རྩེ་རྫོང་གྲོང་གི་རྒྱ་ཆེ་བའི་རྩ་ཐང་ཐོག་གུར ༦༠༠ ལྷག་ཙམ་ཕུབ...

ལྷ་རྩེ་རྫོང་གིས་འགྲམ་གྲོང་རྡལ་གྱི་གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་གནས་སྐབས་སྡོད་གནས་ས་ཚིགས་ཆེ་བ་ཞིག་བསྐྲུན་པ།
    སྤྱི་ཚེས ༢༩ ཉིན་གྱི་ཕྱི་དྲོའི་ཆུ་ཚོད ༣ པར་ལྷ་རྩེ་རྫོང་གྲོང་གི་རྒྱ་ཆེ་བའི་རྩ་ཐང་ཐོག་གུར ༦༠༠ ལྷག་ཙམ་ཕུབ་ཡོད་པ་དང་།  སྐབས་འཕྲལ་སྡོད་ཁུལ་དེ་ནི་འགྲམ་གྲོང་རྡལ་གྱི་གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་གྲ་སྒྲིག་བྱས་པ་ཞིག་རེད།    དངོས་ཟོག་དབོར་འདྲེན་གྱི་རླངས་འཁོར་གཅིག་མཇུག་གཉིས་མཐུད་ངང་ཕྱོགས་དེར་བསྐྱོད་ཡོང་བ་དང་།  ལས་དོན་མི་སྣ་སྟོང་ཁ་ལོན་པས་བྲེལ་ཚུབ་ཆེ་བའི་ལས་ཀར་བྲེལ་བཞིན་ཡོད་པ་རེད།  
    སྐབས་འཕྲལ་སྡོད་གནས་དེ་བོད་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་གནས་སྐབས་སྡོད་ཁུལ་གྱི་གྲས་གཅིག་ཡིན་པ་དང་།  དེར་འགྲམ་གྲོང་རྡལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་མི་གྲངས ༢༥༠༠ བཀོད་སྒྲིག་བྱ་རྒྱུ་དང་།  ཁོང་ཚོ་ས་གནས་དེར་ལོ་གཅིག་དང་ལོ་ཕྱེད་ནས་ལོ་གཉིས་བར་གནས་སྡོད་བྱེད་རྒྱུ་རེད།  ཤེས་རྟོགས་བྱས་པར་གཞིགས་ན།  རྗེས་ཀྱི་ཉིན་ཁ་ཤས་ལ་ས་ཚིགས་དེར་གུར ༡༣༠༠ ཕུབ་རྒྱུ་མ་ཟད།  ཡུན་རིང་གི་བསམ་གཞིགས་བྱས་ནས་ཁོང་ཚོར་འགུལ་སྐྱོད་ཤིང་ཁང་གྲ་སྒྲིག་བྱས་ཡོད་ལ།  མང་ཚོགས་ཀྱི་ཤེས་རྟོགས་བྱེད་དགོས་པའི་འབྲེལ་ཡོད་ལག་དེབ་སྤྲོད་རྒྱུ་རེད།    རྗེས་སུ་ས་ཚིགས་དེར་མངགས་གཏོང་ཁང་གཅིག་དང་ཉེན་རྟོག་པ་མི་བཞི།  འཕྲོད་བསྟེན་ཁང་གཉིས།  གཙང་སྦྲ་བྱེད་མཁན་མི་གཉིས།  རིག་གནས་སྤྲོ་གསེང་ཁང་གཉིས་སོགས་བསྐྲུན་རྒྱུ་རེད།།
མ་ཡིག་འཚོལ་བཤེར

责任编辑:扎西卓玛
相关新闻
网友评论

日喀则网站联盟

友情链接

涉藏网站

中共日喀则市委宣传部主管    日喀则市互联网信息办公室主办    藏ICP备12000035号

网络违法举报>  网络违法举报