日喀则市综合新闻门户网站

གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་གསེབ་ཏུ་སྨན་བཅོས་སྒྲིག་གཞི་གཅིག་ཅན་གྱི་དོ་དམ་ལག་ལེན་བསྟར་བ།

2015-03-02 12:36:00ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

关键词:གཞིས་རྩེ་གྲོང་ཁྱེར་;གྲོང་གསེབ་ཏུ་སྨན་བཅོས་སྒྲིག་གཞི་;དོ་དམ་ལག་ལེན་བསྟར་བ།

ན་ནིང་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱིས《གྲོང་གསེབ་ཀྱི་འཕྲོད་བསྟེན་ཞབས་ཞུ་གཞི་གཅིག་ཅན་གྱི་དོ་དམ་བྱ་ཐབ...

    འབྲེལ་ཡོད་སྡེ་ཚན་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱིས《གྲོང་གསེབ་ཀྱི་འཕྲོད་བསྟེན་ཞབས་ཞུ་གཞི་གཅིག་ཅན་གྱི་དོ་དམ་བྱ་ཐབས》ལ་གཞིགས་ནས། “གྲོང་ཚོའི་འཕྲོད་བསྟེན་ཁང་ལ་ཤང་འཕྲོད་བསྟེན་ཁང་གིས་དོ་དམ་བྱེད་པའི”ལམ་ལུགས་ཏེ། གྲོང་ཚོའི་འཕྲོད་བསྟེན་ཁང་ཚང་མར་ཤང་འཕྲོད་བསྟེན་ཁང་གིས་གཅིག་གྱུར་དོ་དམ་དང“གཅིག་གྱུར་ལྔ”(ཤང(གྲོང་རྡལ)འཕྲོད་བསྟེན་ཁང་གིས་གྲོང་ཚོའི་སྨན་བཅོས་ཁང་གི་སྒྲིག་བཀོད་པ་དང་། མི། ལས་སྒོ སྨན་དང་ཡོ་ཆས། འགྲོ་གྲོན་བཅས་གཅིག་གྱུར་དོ་དམ་བྱེད་པ)ཡོང་བ་བྱེད་པའི་གྲོང་གསེབ་ཀྱི་འཕྲོད་བསྟེན་ཞབས་ཞུ་གཞི་གཅིག་ཅན་གྱི་དོ་དམ་བྱེད་སྟངས་ལག་ལེན་བསྟར་བ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། དོ་དམ་བྱ་ཐབས་དེ་བརྒྱུད་གཞིས་རྩེ་གྲོང་ཁྱེར་གྱིས་ཤང(གྲོང་རྡལ)འཕྲོད་བསྟེན་ཁང་གི་ཡན་ལག་སྒྲིག་གཞིར་གཏོགས་པའི་གྲོང་ཚོའི་འཕྲོད་བསྟེན་ཁང་ལ་ཤང(གྲོང་རྡལ)འཕྲོད་བསྟེན་ཁང་གིས་མཛུབ་ཁྲིད་བྱས་ནས་སྒྲིག་སྲོལ་སྒྲིག་ལམ་དང་སྨན་བཅོས་ཞབས་འདེགས་བརྒྱུད་རིམ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་དོན་པ་གསོ་སྦྱོང་དང་ལས་སྒོའི་དཔྱད་ཞིབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ནད་དཔྱད་བྱ་སྤྱོད་ཚད་ལྡན་ཡོང་བ་བྱས་ནས་ཞབས་ཞུ་ལུགས་དང་མཐུན་ལ། ནད་ཐོ་ཆ་ཚང་ཞིང་སྨན་བཅོས་བདེ་འཇགས་ལྡན་པ་ཡོང་བ་བཅས་དང་། ཆབས་ཅིག་ཤང(གྲོང་རྡལ)འཕྲོད་བསྟེན་ཁང་གིས་གྲོང་ཚོའི་འཕྲོད་བསྟེན་ཁང་གི་ནོར་སྲིད་དོ་དམ་འཐུས་ཚང་དང་སྨན་བཅོས་ཞབས་ཞུ་དང་སྨན་རིན་བསྡུ་བའི་རྣམ་གྲངས། དེ་བཞིན་རིན་གོང་བཅས་ཡོངས་བསྒྲཌ་བྱས་པ་མ་ཟད། གྲོང་ཚོ་འཕྲོད་བསྟེན་ཁང་གི་སྒྲིག་བཀོད་ཆ་ཚང་པོ་ཡོང་བའི་ཐོག་ནས་སྲིད་འཛིན་གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་དང་གྲོང་ཚོའི་སྨན་པ་གཉིས་རེ་ཡོད་པ་བྱས་ལ། གྲོང་ཚོ་འཕྲོད་བསྟེན་ཁང་ཚང་མར《སྨན་བཅོས་སྒྲིག་གཞིའི་ལས་རིགས་ཆོག་འཐུས་ལག་ཁྱེར》དང་། 《གྲོང་གསེབ་སྨན་པའི་ལས་གཉེར་ལག་ཁྱེར》 གྲོང་ཚོ་འཕྲོད་བསྟེན་ཁང་གི་མཚོན་རྟགས་བཅས“ལག་ཁྱེར་གཉིས་དང་མཚོན་རྟགས་གཅིག”ཡོད་པ་བྱས་པ་རེད། མདོར་ན། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་གསེབ་ཏུ་སྨན་བཅོས་སྒྲིག་གཞི་གཅིག་ཅན་གྱི་དོ་དམ་ལམ་ལུགས་ལག་ལེན་བསྟར་བ་དེས་གྲོང་གསེབ་ཀྱི་འཕྲོད་བསྟེན་ཁང་ཤང(གྲོང་རྡལ)འཕྲོད་བསྟེན་ཁང་གི་ཁོངས་སུ་ཚུད་ནས་ཤང་དང་གྲོང་ཚོའི་སྨན་བཅོས་སྒྲིག་གཞིའི་དབར་གྱི་འབྲེལ་བ་ལུགས་མཐུན་བྱུང་བ་དང་། ཤང་དང་གྲོང་ཚོའི་སྨན་བཅོས་སྒྲིག་གཞི་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་མ་ཐེབས་ཏེ་གཞི་རིམ་གྱི་འཕྲོད་བསྟེན་ཐོན་ཁུངས་སྤྱོད་ཚད་མཐོ་རུ་སོང་ཡོད།(འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་དུས།)http://tb.xzxw.com/nmtd/xncjs/201502/t20150225_324711.html
 

责任编辑:扎西卓玛
相关新闻
网友评论

日喀则网站联盟

友情链接

涉藏网站

中共日喀则市委宣传部主管    日喀则市互联网信息办公室主办    藏ICP备12000035号

网络违法举报>  网络违法举报