日喀则市综合新闻门户网站

ཞིང་འབྲོག་པའི་ཕྱུག་འགྱུར་གྱི་སྒུལ་ཤུགས།

2015-03-02 12:14:47ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

关键词:རང་སྐྱོང་ལྗོངས་;གཞི་ཁྱོན་ཆེ་བའི་ཚན་རྩལ་དཔེ་སྟོནརྫོང་;ཕྱུག་འགྱུར་གྱི་སྒུལ་ཤུགས་

ཉེ་བའི་ལོ་ཤས་རིང་རང་ལྗོངས་ཚན་རྩལ་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཆེ་བའི་ཚན་རྩལ་དཔེ་སྟོན་རྫོང་འ...

    ཚན་རྩལ་དེ་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་སྒུལ་ཤུགས་གསར་པར་གྱུར་པ།
   གསར་འགོད་པས་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཚན་རྩལ་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཆེ་བའི་ཚན་རྩལ་དཔེ་སྟོན་རྫོང་འཛུགས་པ་དང་། 2014ལོར་ལྗོངས་ཡོངས་སུ་ཚན་རྩལ་དཔེ་སྟོན་རྫོང་4སླར་ཡང་གསར་འཕར་བྱུང་ནས་མིག་སྔར་ལྗོངས་ཡོངས་སུ་ཚན་རྩལ་དཔེ་སྟོན་རྫོང་9ཡོད་ཅིང་། 2007ལོར་གཞིས་རྩེ་ས་སྐྱ་རྫོང་དེ་ལྗོངས་ཡོངས་ཀྱི་ཚན་རྩལ་དཔེ་སྟོན་རྫོང་དང་པོར་འགྱུར་བ་ནས་བཟུང་རང་ལྗོངས་ཀྱིས་ཚན་རྩལ་ཡར་ཐོན་ལ་བརྟེན་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་བཏང་བས་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་རེད།
   གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ས་སྐྱ་རྫོང་དེ་ཚན་རྩལ་དཔེ་སྟོན་རྫོང་དང་པོ་ཡིན་པའི་ཆ་ནས་2007ལོ་ནས་བཟུང་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ས་སྐྱ་རྫོང་དུ་རྣམ་གྲངས་མང་པོ་ལག་བསྟར་བྱས་ཤིང་། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་བ་དང་རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་ས་སྐྱ་གྲོང་རྡལ་མི་དམངས་སྲིད་གཞུང་གི་ཐུན་མོང་འབད་བརྩོན་བརྒྱུད་ལག་བསྟར་བྱས་པའི་རྣམ་གྲངས་ཁག་ལ་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཡག་པོ་བྱུང་ཡོད། གཞི་གྲངས་ལས་མངོན་པར་གཞིགས་ན། ཚན་རྩལ་སྡེ་ཚན་གྱི་ལོ་8ཀྱི་རྒྱུན་སྲིང་རྒྱབ་སྐྱོར་འོག་ས་སྐྱ་ཚན་རྩལ་དཔེ་སྟོན་རྫོང་གི་གྲོང་གསེབ་གསར་པའི་ཚན་རྩལ་དཔེ་སྟོན་རྫོང་གི་འཛུགས་སྐྱོང་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ་2014ལོར་ས་སྐྱ་རྫོང་གི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་ལོ་གོང་མ་ལས་15%་མང་དུ་ཕྱིན་པའི་ནང་ཚན་རྩལ་རྣམ་གྲངས་ལག་བསྟར་ཁུལ་དུ་ཞིང་འབྲོག་པ་ཡོང་འབབ་འཕར་ཚད་33.2%ཟིན་པ་དང་། རྫོང་དེ་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ཁྱབ་ཚད་90%ཟིན་པ། འདེབས་འཛུགས་ལས་རིགས་ཀྱི་ཐོན་སྐྱེད་འཕྲུལ་ཆས་ཅན་དུ་འགྱུར་ཚད་59%ཟིན་པ། ཕྱུགས་ཟོག་རྒྱུད་བཟང་ཁྱབ་ཚད་65%ཟིན་པ་བཅས་རེད།
( འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།) http://tb.xzxw.com/xw/jj/201503/t20150301_326316.html
 

责任编辑:扎西卓玛
相关新闻
网友评论

日喀则网站联盟

友情链接

涉藏网站

中共日喀则市委宣传部主管    日喀则市互联网信息办公室主办    藏ICP备12000035号

网络违法举报>  网络违法举报