关于启用日喀则市城区130处违停
抓拍球机的公告
日喀则市公安局交警支队
2021年2月13日
གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁུལ་དུ་སྒྲིག་འགལ་རླངས་འཁོར་ཁ་འགོག་པར་གློག་མིག་སྤོ་གཟུགས་འཕྲུལ་ཆས་ས་ཚིགས་130སྤྱད་ནས་པར་ལེན་བྱེད་རྒྱུའི་སྤྱི་བསྒྲགས།
རྒྱ་ཆེའི་ཁ་ལོ་བ་རྣམ་པ།
གཞིས་རྩེ་གྲོང་ཁྱེར་གྲོང་ཁུལ་གྱི་འགྲིམ་འགྲུལ་སྒྲིག་ལམ་སྔར་བས་ཚད་ལྡན་ཡོང་ཆེད། འཕྲུལ་སྒུལ་འཁོར་རིགས་ཤར་གཏོང་གི་ལས་ཕྱོད་ཆེ་རུ་གཏོང་བ་དང་འགྲོ་སྐྱོད་ཀྱི་ཁོར་ཡུག་བཟང་པོ་བཏོད་པར་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང《གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཐག་གཅོད་གོ་རིམ་གཏན་འབེབས་》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ཉིང་ལག་རུ་ཁག་གིས་སྒྲིག་འགལ་རླངས་འཁོར་ཁ་འགོག་པར་གློག་མིག་སྤོ་གཟུགས་འཕྲུལ་ཆས་ས་ཚིགས་130སྤྱད་ནས་པར་ལེན་བྱེད་རྒྱུ་ཡིན། གྲོང་ཁུལ་གྱི་གཞུང་ལམ་དུ་ཁྲིམས་འགལ་ངང་རླངས་འཁོར་ཁ་འགོག་པར་གློག་རྡུལ་པར་ལེན་བྱེད་རྒྱུ་ཡིན། གཤམ་དུ་འབྲེལ་ཡོད་དོན་ཚན་ཡོངས་བསྒྲགས་བྱེད་རྒྱུ་ཡིན།
གཅིག སྤྱོད་འགོ་འཛུགས་པའི་དུས་ཚོད།
2021ལོའི་ཟླ་3ཚེས་1ཉིན་གྱི་ཆུ་ཚོད་0ནས་བཟུང་།
གཉིས། པར་ལེན་བྱེད་པའི་དུས་ཚོད།
ཉིན་གང། ཆུ་ཚོད་༢༤ཡིན།
གསུམ། པར་ལེན་བྱེད་སའི་ལམ་ཁག
གྲོང་ཁུལ་གྱི་གཞུང་ལམ།
རྒྱ་ཆེའི་འགྲིམ་འགྲུལ་ནང་ཐེ་ཞུགས་གནང་མཁན《གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ལ་རང་རྟོགས་ངང་བརྩི་སྲུང་ཞུས་ནས་བདེ་འཇགས་ངང་རླངས་འཁོར་གཏོང་བ་དང་ཡ་རབས་ངང་འགྲོ་སྐྱོད་བྱས་ཏེ་བདེ་འཇགས་དང་།གོ་རིམ་ལྡན་པ།ཤར་བགྲོད་ཐུབ་པ་བཅས་ཀྱི་འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་ཅིག་ཐུན་མོང་ཐོག་གཏོད་དགོས།
དེ་དོན་ཆེད་དུ་སྤྱི་བསྒྲགས་སྤེལ།
གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག
2021ལོའི་ཟླ་2ཚེས་13ཉིན།
违停抓拍球机点位分布表